ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་གཏོར་བཤིག་བཏང་བར་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད།

2019-08-30
གློག་འཕྲིན།
མཆན།
Share
པར་བཀོད།
ཡ་ཆེན་སྒར་གཏོར་བཤིག་མ་བཏང་སྔོན་དང་བཏང་ཟིན་པའི་རྗེས། ༢༠༡༩
ཡ་ཆེན་སྒར་གཏོར་བཤིག་མ་བཏང་སྔོན་དང་བཏང་ཟིན་པའི་རྗེས། ༢༠༡༩
བོད་འབྱོར། /RFA

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་གཏོར་བཤིག་བཏང་བ་ནི་རྒྱ་གཞུང་རང་གི་ཁྲིམས་དང་འགལ་བ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་སྐྱོན་བརྗོད་གནང་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་བཙུན་མ་མང་པོ་ཕྱིར་ཕུད་བཏང་བ་དང་། བཙུན་མའི་སྡོད་ཤག་གསུམ་སྟོང་ཙམ་གཏོར་གཤིག་བཏང་བ་དེ་ནི། རྒྱ་ནག་གཞུང་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་བའི་ཐོབ་ཐང་ཁག་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དག་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུངས་བ་དང་། ཁོང་གིས། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནང་ཁུལ་དེའི་ནང་གི་གྲྭ་བཙུན་ལས་ས་ཁུལ་གཞན་ནས་ཡིན་པ་ཚོ་ཕྱིར་ཕུད་བྱས་བ་ནི་དྲང་བདེན་ཞིག་མིན་ཅིང་། ལྷག་པར་དུ་རྒྱ་རིགས་ས་ཁུལ་གང་སར་རང་དབང་གི་ཐོག་ནས་འགྲོ་བསྐྱོད་ཆོག་པ་དང་། བོད་རིགས་ཚོར་འགྲོ་འོང་གི་དམ་དྲག་བྱེད་པ་དེ་ནི། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་གསལ་པོ་རེད། སྲིད་བྱུས་དེ་དག་ཚང་མ་བོད་མི་རིགས་རྩ་བརླག་གཏོང་རྒྱུའི་ངན་ཇུས་ཡིན་པ་གསུངས་གནང་གི་འདུག
ཡང་ཆབ་སྲིད་བཙུན་ཟུར་ངག་དབང་འོད་འབར་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ནང་ཆོས་སློབ་གཉེར་བྱེད་ས་ཆེ་གྲས་ཡ་ཆེན་སྒར་གྱི་ཁང་བ་མང་པོ་གཏོར་བཤིག་བཏང་བ་ནི། སློབ་གཉེར་ཁང་དེའི་ནང་ནང་ཆོས་ཙམ་མ་ཟད། བོད་ཀྱི་རིག་གནས་ཐོག་ཚད་མཐོའི་སློབ་མ་ཐོན་བཞིན་ཡོད་པ་དེར་ཉེན་ཁ་ཞིག་མཐོང་ཏེ་ལག་བསྟར་བྱས་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ནི། སྤྱི་ལོ་༡༩༨༤་ལོར་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པ་དང་། གསེར་རྟ་བླ་རུང་སྒར་དང་འདྲ་བར་བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་སའི་བསྟི་གནས་ཆེན་པོ་ཞིག་ཡིན། དགོན་གནས་དེ་གར་གཏན་སྡོད་གནང་མཁན་སློབ་གཉེར་བ་ཁྱོན་བསྡོམས་ཆིག་ཁྲི་ལྷག་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།