འཛམ་གླིང་ནང་ཆོས་ལུགས་དད་ཞེན་པ་ཚོར་སྡུག་སྦྱོང་གཏོང་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ།

2019-08-24
གློག་འཕྲིན།
མཆན།
Share
པར་བཀོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་འཛམ་གླིང་ནང་ཆོས་ལུགས་དད་ཞེན་པ་ཚོར་རྡུང་རྡེག་གཏོང་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་འཛམ་གླིང་ནང་ཆོས་ལུགས་དད་ཞེན་པ་ཚོར་རྡུང་རྡེག་གཏོང་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གནང་འདུག
ཨེ་ཨེཕ་པི།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ Antonio Guterres མཆོག་གིས་ཆོས་ལུགས་དད་ཞེན་པར་སྡུག་སྦྱོང་གི་རྒྱལ་སྤྱིའི་ཉིན་མོ་ཐེངས་དང་པོའི་ཐོག ཆོས་དད་པ་ཚེ་སྲོག་ཤོར་བ་ཚོར་དྲན་གསོ་དང་འབྲེལ་ཁ་ཆེ་དང་། ཡི་ཤུ། ནང་པ་སོགས་ཆོས་ལུགས་ལ་དད་ཞེན་བྱེད་མཁན་ཚོར་སྡུག་སྦྱོང་གཏོང་རྒྱུ་མཚམས་འཇོག་དགོས་པའི་ཛ་དྲག་གི་སྐུལ་མ་གནང་ཡོད་ཅིང་། སྤྱི་ཁྱབ་དྲུང་ཆེ་མཆོག་གིས་གཟའ་ཕུར་བུའི་ཉིན་འཛམ་གླིང་ནང་ཆོས་ལུགས་ལ་དད་ཞེན་བྱེད་མཁན་གྱི་མི་སྒེར་དང་ཚོགས་པའི་ཐོག་སྡུག་སྦྱོང་དང་གཏོར་རྒོལ་གྱི་བྱ་སྤྱོད་མང་དུ་འགྲོ་བཞིན་ཡོད་པ་དཔེ་མཚོན་དྲངས་ནས་ཆོས་ལུགས་ལ་དད་ཞེན་བྱས་པའི་རྐྱེན་གྱིས་རང་སྲོག་ཤོར་བ་རྣམས་པ་དྲན་རྟེན་གྱི་ཉིན་མོ་ཐོག་མ་དེ་བརྒྱུད་ནས་ཆོས་དད་བྱེད་མཁན་ཚོར་སྡུག་སྦྱོང་གཏོང་མཁན་དང་དེ་བཞིན་སྡུག་སྦྱོང་གཏོང་མཁན་ཚོར་རྒྱབ་སྐྱོར་བྱེད་མཁན་སུ་འདྲ་ཞིག་ཡིན་ན་ཡང་དེ་དག་གི་བྱ་སྤྱོད་ཐེར་འདོན་གྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཉེས་ཆད་གཅོད་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་སྐོར་གསུངས་ཡོད་འདུག  ད་དུང་ཁོང་གིས་ཆོས་ལུགས་བེད་སྤྱད་ནས་མི་མང་ལ་མགོ་སྐོར་བསླུ་བྲིད་ཀྱི་བྱ་སྤྱོད་འགོག་ཐབས་ཀྱིས་ཆོས་ལུགས་ཕན་ཚུན་དབར་དྲག་འཛིང་སྤེལ་རྒྱུར་འགོག་ཐབས་བྱ་དགོས་པའི་ཛ་དྲག་གི་སྐུལ་མ་ཡང་གནང་འདུག དེ་མིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་མཁས་དབང་མི་གྲངས་བཅོ་ལྔས་འཛམ་གླིང་ཡུལ་གྲུ་ཚང་མས་ཆོས་ལུགས་དད་པ་བེད་སྤྱད་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་སྤེལ་མི་རུང་བའི་འབོད་སྐུལ་གནང་ཡོད་པ་དང་འབྲེལ་། ཆོས་ལུགས་ཐལ་སྐྱོད་རིང་ལུགས་པར་འགོག་རྒོལ་བྱ་དགོས་པའི་སྐུལ་མ་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།