རིང་མིན་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་དབར་གྱི་མཇལ་མོལ།

2019-04-27
གློག་འཕྲིན།
མཆན།
Share
པར་བཀོད།
ཊྲམྤ་མཆོག་ནས་ཞི་ཅིན་ཕིང་རིང་མིན་ཨ་རིར་ཕེབས་སྐབས་ཚོང་འབྲེལ་གྱི་གྲོས་མོལ་མཇུག་སྒྲིལ་གནང་སྲིད་སྐོར་གསུངས་བ།
ཊྲམྤ་མཆོག་ནས་ཞི་ཅིན་ཕིང་རིང་མིན་ཨ་རིར་ཕེབས་སྐབས་ཚོང་འབྲེལ་གྱི་གྲོས་མོལ་མཇུག་སྒྲིལ་གནང་སྲིད་སྐོར་གསུངས་བ།
ཨེ་ཨེཕ་པི།

༄༅༎འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་གཉིས་དབར་ཚོང་འབྲེལ་གྱི་དཀའ་རྙོག་སེལ་རྒྱུའི་རེ་བ་ཡོད་པའི་རྣམ་པར་རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཊྲམྤ་མཆོག་གིས་སྲིད་འཛིན་ཞི་ཅིན་ཕིང་གང་མགྱོགས་ཨ་རིར་ཕེབས་གཏན་འཁེལ་ཡོད་སྐོར་གསུངས་པ་དེས་ཡུལ་གཉིས་ཀས་ད་བར་ངང་འཐེན་
བྱས་པའི་དངོས་ཟོག་གི་སྒོ་ཁྲལ་ཕར་སྣོན་ཚུར་སྣོན་གྱི་དཀའ་རྙོག་སེལ་རྒྱུའི་རེ་བ་ཆེ་ཏུ་ཕྱིན་ཡོད་འདུག དེ་ལྟར་ཡིན་པའི་རྣམ་པར་རེས་གཟའ་མིག་དམར་
ཉིན་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་གསལ་བསྒྲགས་གནང་བར་གཞིགས་ན་ནོར་སྲིད་དྲུང་ཆེ་ སི་ཊི་ཝན་ མུནུ་ཅིན་(Steven Mnuchin)དང་ཚོང་དོན་
སྐུ་ཚབ་རོ་བྭརྚེ་ ལའིཊེ་ཧའི་ཛར་(Lightherzer)རྣམ་གཉིས་བསྐྱར་དུ་རྒྱ་ནག་ཏུ་ཕེབས་ནས་དངོས་ཟོག་གི་སྒོ་ཁྲལ་ཐད་ད་བར་བཟང་ལན་བཟང་འཇལ་དང་ངན་ལན་ངན་འཇལ་གྱི་དཀའ་རྙོག་སེལ་ཐབས་མཇུག་སྐྱོང་གནང་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཟླ་ལྔ་པའི་ཚེས་བརྒྱད་ཉིན་རྒྱ་ནག་གི་ཚོང་འབྲེལ་སྐུ་ཚབ་སྲིད་བློན་གཞོན་པ་ ལིའུ་ ཧེ་(Liu He)ཡིས་སྣེ་ཁྲིད་པའི་ཚོང་འབྲེལ་སྐུ་ཚབ་ཨ་རིར་གྲོས་མོལ་མཇུག་སྐྱོང་ཆེད་ཕེབས་གཏན་འཁེལ་ཡོད་འདུག  འབྱུང་འགྱུར་ཚོང་འབྲེལ་གྱི་གྲོས་མོལ་གྱི་ཁྱབ་ཚད་ནི་བཟོ་ལས་རིག་རྩལ་འཕོ་ལེན་དང་། སྒོ་ཁྲལ་མ་ཡིན་པའི་འགོག་རྐྱེན་སོ་ནམ་ཐོན་སྐྱེད། ཞབས་ཞུའི་ལས་རེགས་སོིགས་ཀྱི་སྐོར་གོ་བསྡུར་གནང་རྒྱུ་ཡིན་འདུག སྲིད་འཛིན་ཊྲམྤ་མཆོག་གིས་ཐེངས་འདིའི་གྲོས་མོལ་ཐོག་ནས་ཚོང་འབྲེལ་གྱི་གྲོས་མོལ་མཇུག་སྒྲིལ་ཡོང་བའི་ཐུགས་རེ་གནང་གི་ཡོད་འདུག།
གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།