བཅོས་སྒྲིག་ལས་འགུལ་འོག་བོད་ནང་མ་ཎི་དར་ལྕོག་དང་རླུང་རྟ་མང་པོ་མེད་པར་བཟོས་འདུག

2020-06-16
གློག་འཕྲིན།
མཆན།
Share
པར་བཀོད།
ཉེན་རྟོག་པས་མ་ཎྀ་དར་ལྕོག་གཙང་བཟོ་བྱེད་བཞིན་པ། ༢༠༢༠།༦
ཉེན་རྟོག་པས་མ་ཎྀ་དར་ལྕོག་གཙང་བཟོ་བྱེད་བཞིན་པ། ༢༠༢༠།༦
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་བཅོས་སྒྲིག་ཞེས་བའི་ལས་འགུལ་འོག་བོད་མི་ཚོར་འདོད་པ་ཡོད་མིན་ལ་མ་བལྟོས་བར་བོད་ཀྱི་ས་ཁུལ་མང་པོ་ནས་མ་ཎི་དར་ལྕོག་དང་རླུང་རྟ་སྒྲེང་འཛུགས་བྱས་ཡོད་པ་མང་པོ་མེད་པར་བཟོས་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་སྤྱི་ཟླ་༦་པའི་ནང་རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་དང་། ཆབ་མདོ་ཕྱོགས་ཀྱི་ཁྱུང་པོ་སྟེང་ཆེན་སོགས་སུ་བཅོས་སྒྲིག་ཞེས་བའི་ལས་འགུལ་སྤེལ་ནས། ས་གནས་རྒྱ་ནག་གི་གཞི་རིམ་ལས་བྱེད་དང་། ཉེན་རྟོག་པ་བཅས་ཡོང་ནས། ས་གནས་མི་མང་ཚོགས་འདུ་སྐོང་ཐོག་བཅོས་སྒྲིག་དང་ཁོར་ཡུག་གཙང་བཟོ་ལ་མཉམ་ཞུགས་བྱེད་དགོས་བའི་སྐུལ་མ་བྱས་ཐོག་ས་གནས་བོད་མི་ཚོས་སྡེ་བའི་ཉེ་འཁོར་དང་། རི་རྕེ་སོགས་གང་སར་མ་ཎི་དར་ལྕོག་དང་། རླུང་རྟ་སྒྲེང་འཛུགས་བྱས་ཡོད་པ་རྣམས་གསར་རྙིང་མེད་པར་གཙང་བཟོ་བྱས་ཡོད་པ་རེད་འདུག
དེའི་ཐད་བོད་ནང་གི་ས་གནས་ཡུལ་མི་མིང་འབོད་གནང་འདོད་མེད་པ་ཞིག་གིས་གསུང་ན། ས་གནས་རྒྱ་ནག་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་ཚོས་གློ་བུར་བཅོས་སྒྲིག་ལས་འགུལ་དང་ཁོར་ཡུག་གཙང་བཟོ་ལ་ཁ་གཡར་ནས། ས་གནས་ཡུལ་མི་ཚོས་དད་སེམས་དང་ཡུལ་སྲོལ་ལྟར་བཙུགས་ཡོད་པའི་མ་ཎི་དར་ལྕོག་དང་། རླུང་རྟ་སྒྲེང་འཛུགས་བྱས་ཡོད་པ་རྣམས་མེད་པར་བཟོས་བར་བསམ་ཚུལ་དང་སེམས་ཁྲལ་ཡོང་བཞིན་པ་དང་། ལྷག་པར་མ་ཎི་དར་ལྕོག་དང་། རླུང་རྟ་རྣམས་གསར་བ་དང་རྙིང་བ་ཁྱད་མེད་པར་ཡོངས་སུ་གཙང་བཟོ་བྱས་བ་དང་། ཐ་ན་མ་ནི་དར་ལྕོག་འཛུགས་སའི་སྲོག་ཤིང་དང་བཅས་བ་མེད་པར་བཟོས་བ་ནི། ས་གནས་ཡུལ་མིའི་དད་སེམས་དང་ཡུལ་སྲོལ་ལ་སྣང་ཆུང་བྱས་བའི་བསམ་ཚུལ་ཡོང་བཞིན་པ་མ་ཟད། མ་འོངས་བར་བོད་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཡོད་མུས་ལྟར་རླུང་རྟ་དར་འཛུགས་སོགས་ཡུལ་སྲོལ་ལ་དང་དམ་དྲག་ཡོང་སྲིད་པར་སེམས་འཚབ་ཡོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ལྟར་ན། ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས། ད་ཐེངས་ཀྱི་བཅོས་སྒྲིག་བྱེད་སྒོ་སྤེལ་རིང་ཡུལ་ཚོ་དང་གྲོང་ཚོ་རིམ་པ། གཞི་རིམ་ལས་བྱེད་པ་དང་། དགོན་པའི་ལས་སྣེ་བཅས་མདུན་དུ་བུད་ནས་བཀོད་འདོམས་བྱེད་པ་དང་། སྣེ་ཁྲིད་སྣེ་བྱེད་དགོས་བའི་བཙན་བཀའ་བཏང་ཡོད་པ་མ་ཟད། དམངས་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་བཟོས་པ་སོགས་ཀྱི་གོམས་གཤིས་གཙང་བཟོ་དང་། དར་ལྕོག་གང་བྱུང་དུ་འགེལ་བའི་བྱ་སྤྱོད་རྩ་འགོག་བྱེད་དགོས་བ་སོགས་བསྒྲགས་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།