བོད་ནང་གི་སྤྱི་ཚོཊ་འགན་ལེན་ལག་འཁྱེར་ཟེར་བ་དམ་དྲག་གི་ལག་ཆ་ཡིན་སྲིད་པའི་དོགས་གཞི།

2019-04-30
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ཚོཊ་འགན་ལེན་ལག་འཁྱེར།
སྤྱི་ཚོཊ་འགན་ལེན་ལག་འཁྱེར།
དྲ་བཤུས་དང་སྒྲིག་སྦྱོར།

རྒྱ་ནག་གཞུང་གིས་བོད་མིའི་ཚོར་སྤྱི་ཚོགས་འགན་ལེན་ལག་འཁྱེར་ཟེར་བ་སྤྲོད་བཞིན་པ་དེ་བོད་མིར་དམ་དྲག་བྱེད་པའི་ལག་ཆ་ཞིག་ཡིན་པ་བོད་གནས་ལྟ་ཞིབ་ཚོགས་པས་དོགས་པ་བྱེད་བཞིན་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཅིག་ནང་བོད་མི་ཚོར་སྤྱི་ཚོགས་འགན་ལེན་ལག་འཁྱེར་ཟེར་བ་སྤྲོད་པའི་སྲིད་ཇུས་བཟོས་པ་སོགས་འཕྲུལ་རིག་ཀྱི་ཐོག་ནས་ལག་འཁྱེར་བེད་སྤྱོད་གཏོང་བའི་ལས་གཞི་དེ་ནི། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་བྱ་རྒྱུར་དམིགས་པའི་མྱུལ་ཞིབ་བྱ་རྒྱུའི་ལག་ཆ་ཞིག་ཡིན་པ་དང་། ལག་འཁྱེར་དེ་ནི་མི་སྒེར་གྱི་གནས་ཚུལ་འཁོད་པའི་ལག་འཁྱེར་ཞིག་ཡིན་པས། དེའི་ནང་དུ་བཅུག་པའི་བྱང་བུ(Chip) ཟེར་བའི་འཕྲུལ་རིག་ཀྱི་དངོས་པོ་ཆུང་ངུ་དེའི་ནང་དོ་བདག་སོ་སོའི་མིང་དང་། རྒྱལ་ཁོངས་ཀྱི་ཨང་གྲངས་། འདྲ་པར། དོ་བདག་གི་སྤྱི་ཚོགས་ཀྱི་འབྲེལ་བ་སོགས་སྒེར་གྱི་གནས་ཚུལ་ཞིབ་ཕྲ་བཅུག་ཡོད་པ་འགྲེལ་བརྗོད་བྱས་འདུག
བོད་གནས་ལྟ་ཞིབ་ཚོགས་པས། སྤྱི་ཚོགས་འགན་ལེན་ཀྱི་ལག་འཁྱེར་ནང་གི་འཕྲུལ་རིག་དངོས་པོ་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མྱུལ་ཞིབ་བྱ་རྒྱུ་དང་། ཁོང་ཚོའི་གནས་ཚུལ་ལྟ་ཞིབ་བྱ་རྒྱུར་བེད་སྤྱོད་གཏོང་གི་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་པ་རེད།
སྤྱི་ཚོགས་འགན་ལེན་ལག་འཁྱེར་ཟེར་བ་དེ་ནི་རྒྱ་ནག་གཞུང་གིས་དམིགས་བསལ་བོད་རང་སྐྱོང་ལྗོངས་འབོད་པའི་བོད་ཀྱི་ས་ཁུལ་ནང་༢༠༡༧ ལོའི་ཕྱི་ཟླ་བརྒྱད་པ་ནས་སྤྲོད་རྒྱུ་འགོ་བཙུགས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དང་། ཀོང་པོ་། ལྷོ་ཁ། མངའ་རིས་ཁུལ་གྱི་བོད་མི་མང་པོར་ལག་འཁྱེར་དེ་སྤྲད་ཡོད་པའི་ཁར་བོད་ཀྱི་ཤར་ཕྱོགས་ས་ཁུལ་དཔེར་ན་ཁྲིན་འདུ་དང་། གོར་མོ་ནང་གནས་སྡོད་བྱེད་མཁན་བོད་མི་ཚོར་ཡང་༢༠༡༧ ལོའི་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་དང་༢༠༡༨ ལོའི་ཕྱི་ཟླ་བཞི་པའི་བར་སྤྲད་ཡོད་པ་འཁོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།