སྲིད་སྐྱོང་མཆོག་གིས་ཧོང་ཀོང་གི་རང་དབང་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད།

2019-08-15
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2019/8/15
སྲིད་སྐྱོང་བློ་བཟང་སེང་གེ་མཆོག 2019/8/15
tibet.net

ཧོང་ཀོང་དུ་མང་གཙོ་དང་རང་དབང་གི་ལས་འགུལ་གནང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསུངས་འདུག
འདི་ཚེས་༡༥་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཐོག་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། དྲུང་ཆེ་རྣམ་པ་ཚོས། རྒྱ་གར་རང་བཙན་གྱི་ཉིན་མོ་ཐེངས་༧༣་སྲུང་བརྩི་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དེང་སང་ཧོང་ཀོང་ནང་འགྲོ་བཞིན་པའི་མང་གཙོ་དང་རང་དབང་གི་ལས་འགུལ་ཐོག གདུང་སེམས་མཉམ་བསྐྱེད་དང་།   རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་མང་པོ་དྲག་གནོན་ཆེད་དུ་གྲ་སྒྲིག་བྱེད་བཞིན་པར་སེམས་འཚབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་ཡང་སྲིད་སྐྱོང་བློ་བཟང་མཆོག་གིས་གསུང་དོན། བདག་ཉིད་ཆེན་པོ་གྷནྔྷི་ཡི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྒྱ་གར་རང་བཙན་ཐོབ་ཡོད་པས། བོད་མི་ཚོས་ཀྱང་འཚེ་མེད་ཞི་བའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ངམ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་གིས་རྩོད་ཀྱི་ཡོད་པས། རྒྱ་གར་རང་བཙན་ཉིན་མོ་ནི་བོད་མི་ཚོར་ཧ་ཅང་གལ་ཆེན་དང་། བོད་མིའི་རྩ་དོན་ཞི་བའི་ལམ་ནས་འགྲུབ་རེ་གནང་གི་ཡོད་པ་གསལ་སྟོན་གནང་འདུག
བཞུགས་སྒར་རྡ་རམ་སཱ་ལའི་ཉེན་རྟོག་པའི་ཐང་ཆེན་དུ། རྒྱ་གར་ས་གནས་གཞུང་གིས་རང་བཙན་དུས་སྟོན་གྱི་གཞུང་འབྲེལ་མཛད་སྒོའི་ཚོགས་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།