སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་པན་ཇཱབ་མངའ་སྡེས་གདན་འདྲེན་ཞུ་རྒྱུ།

2019-08-24
གློག་འཕྲིན།
མཆན།
Share
པར་བཀོད།
སིཁ་ཆོས་ལུགས་ཀྱི་སྟོན་པ་འཁྲུངས་ནས་ལོ་༥༥༠འཁོར་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་༧གོང་ས་མཆོག་དང་པོཔ་གདན་འདྲེན་ཞུ་རྒྱུ་ཡིན་འདུག
སིཁ་ཆོས་ལུགས་ཀྱི་སྟོན་པ་འཁྲུངས་ནས་ལོ་༥༥༠འཁོར་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་༧གོང་ས་མཆོག་དང་པོཔ་གདན་འདྲེན་ཞུ་རྒྱུ་ཡིན་འདུག
དགའ་ལྡན་ཕོ་བྲང༌།

༄༅།།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སིཁ་ཆོས་ལུགས་ཀྱི་སྟོན་པ་ Guru Nanak འཁྲུངས་ནས་ལོ་༥༥༠་འཁོར་བའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་སྐྱོང་ཡོང་བར་རྒྱ་གར་གྱི་ Punjab མངའ་སྡེས་གཞུང་གིས་གསོལ་འདེབས་ཞུ་འཆར་ཡོད་འདུག ཚེས་༢༤ཉིན་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་གར་བྱང་ཕྱོགས་ Punjab མངའ་སྡེའི་མཉམ་འབྲེལ་བློན་ཆེན་ Sukhjinder Singh Randhawa མཆོག་གིས་གྲོང་ཁྱེར་ Dera Baba Nanak ནང་འདི་ལོའི་ཕྱི་ཟླ་༡༡་པའི་ཚེས་༨ནས་༡༡བར་ཉིན་གྲངས་བཞིའི་རིང་ Guru Nanak འཁྲུངས་ནས་ལོ་༥༥༠་འཁོར་བའི་དུས་ཆེན་སྲུང་བརྩིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག དེ་བཞིན་ཡེ་ཤུའི་བླ་ཆེན་Pope Francis མཆོག ཧིན་དུའི་བླ་ཆེན་ Puri Shankaracharya དབུས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་མང་པོ་མགྲོན་འབོད་ཞུ་འཆར་ཡོད་ཅེས་དང་། ཡང་ཁོང་གིས་དགུང་གྲངས་༨༤ལ་ཕེབས་པའི་༧གོང་ས་ཏཱ་ལའི་བླ་མ་ནི་འཛམ་གླིང་ཁྱོན་ཡོངས་ནང་གུས་བརྩི་ཆེན་པོ་ཞུ་སའི་མི་སྣ་ཆེས་སྙན་གྲགས་ཅན་ཞིག་ཡིན་པ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཡང་ཡིན་སྐོར་གསུངས་སྟེ་༧མགོན་པོ་གང་ཉིད་ལ་ཆེ་བསྟོད་ཆེན་པོ་ཞུས་འདུག གཞན་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་Jama Masjid ཡི་ཁ་ཆེའི་བླ་མ་ Shahi Iman ཡི་ལྷན་དུ་ Saudi Arbia འི་གྲོང་ཁྱེར་ Mecca ནས་ཁ་ཆེའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་མགྲོན་འབོད་ཞུ་འཆར་ཡོད་སྐོར་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་མགྲོན་འབོད་ཞུ་དོན་གཙོ་བོ་ནི་ Guru Nanak འཁྲུངས་ནས་ལོ་༥༥༠་འཁོར་བའི་དུས་ཆེན་སྲུང་བརྩིའི་སྐབས་ universal brotherhood འཛམ་གླིང་ཁྱོན་ཡོངས་མཆེད་གྲོགས་ཡིན་པའི་བརྡ་གཏོང་ཕྱིར་ཡིན་སྐོར་གསུངས་འདུག ཡང་གྲོང་ཁྱེར་ Sultanpur Lodhi ནང་ལ་ Guru Nanak འཁྲུངས་པའི་དུས་ཆེན་གཞན་ཞིག་འདི་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༢་ཉིན་ཚོགས་འཆར་འདུག སིཁ་ཆོས་ལུགས་ཀྱི་སྟོན་པ་ Guru Nanak འཁྲུངས་ནང་ལོ་༥༥༠་འཁོར་བའི་དུས་ཆེན་གཉིས་ཀ་ Punjab མངའ་སྡེའི་གཞུང་གིས་གོ་སྒྲིག་ཞུ་ཡི་ཡོད་པའི་གནས་ཚུལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།