ཁུང་ཙི་ལྟེ་གནས་ཁང་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱས་འདུག

2019-07-31
གློག་འཕྲིན།
མཆན།
Share
པར་བཀོད།
ལྟེ་གནས་ཁང་དེས་རྒྱ་ནག་དམར་ཕྱོགས་ཀྱི་ལྟ་གྲུབ་དང་། དོན་དངོས་མ་ཡིན་པའི་རྒྱ་ནག་གི་གནས་ཚུལ་དར་སྤེལ་གཏོང་བཞིན་དེར་ངོ་རྒོལ་བྱས་ཡོད་པ།
ལྟེ་གནས་ཁང་དེས་རྒྱ་ནག་དམར་ཕྱོགས་ཀྱི་ལྟ་གྲུབ་དང་། དོན་དངོས་མ་ཡིན་པའི་རྒྱ་ནག་གི་གནས་ཚུལ་དར་སྤེལ་གཏོང་བཞིན་དེར་ངོ་རྒོལ་བྱས་ཡོད་པ།
ཨོས་ཋརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ།

ཟླ་འདིའི་ཚེས ༣༡ ཉིན། Australia University of Queensland གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོས། སློབ་གཉེར་ཁང་དེའི་ནང་ཡོད་པའི་ཁུང་ཙི་ལྟེ་གནས་དེ་སྒོ་རྒྱག་དགོས་པའི་དགོས་འདུན་འདོན་ཏེ་ངོ་རྒོལ་ཤུགས་ཆེན་བྱས་འདུག ངོ་རྒོལ་བྱེད་མཁན་གྱི་ཁྲོད་Australia བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཞིབ་འཇུག་སློབ་མ་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་གཙོས་གཞན་ཡང་ཧོང་ཀོང་དང་། ཧྥ་ལུང་ཀོང་ཆོས་འཁོར་སྒོམ་སྒྲུབ་ཀྱི་རྗེས་འབྲངས་པ་སོགས་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་འདུག

ངོ་རྒོལ་ནང་ཞུགས་མཁན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན། ཁུང་ཙི་ལྟེ་གནས་ཁང་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་ནས Queenland གཙུག་ལག་སློབ་གཉེར་ཁང་དུ་ངོ་རྒོལ་ལས་འགུལ་སྤེལ་དགོས་དོན་ནི། རིག་གཞུང་ལྟེ་གནས་ཁང་དེས་རྒྱ་ནག་དམར་ཕྱོགས་ཀྱི་ལྟ་གྲུབ་དང་། དོན་དངོས་མ་ཡིན་པའི་རྒྱ་ནག་གི་གནས་ཚུལ་དར་སྤེལ་གཏོང་བཞིན་དེར་ངོ་རྒོལ་བྱས་ཡོད་པ་རེད། མཐོ་སློབ་ཁང་དེའི་ནང་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཁུང་ཙི་སློབ་གཉེར་ཁང་ལ་ངོ་རྒོལ་བྱེད་སྐབས་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཚོས་ཚུར་ངོ་རྒོལ་བྱས་ནས་ཕན་ཚུན་འཁྲུག་འཛིང་ཤོར་ཡོད་པ་རེད་འདུག

དེ་ནི་གཙོ་བོ་Australia ནང་ཡོད་པའི་རྒྱ་ནག་གཞུང་ཚབ་དང་། གཞུང་ཚབ་ཡན་ལག་ལས་ཁུངས་བཅས་ནས་གཙུག་ལག་སློབ་གཉེར་ཁང་དེའི་ནང་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་མཐུན་ཚོགས་བེད་སྤྱོད་ཀྱིས་རྙོག་གླེང་བཟོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སློབ་ཕྲུག་ཚོའི་ཁྲོད་དུ་གཙུག་ལག་སློབ་གཉེར་ཁང་དེའི་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་མེད་པར་བཟོ་ཆེད་ཁུང་ཙི་ལྟེ་གནས་ཁང་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་གྱི་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།