བུད་མེད་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་ཞི་བའི་གོམ་བགྲོད་མཇུག་སྒྲིལ་གནང་འདུག

2019-05-02
གློག་འཕྲིན།
མཆན།
Share
པར་བཀོད།
བུད་མེད་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་ཞི་བའི་གོམ་བགྲོད་པ་རྣམས། ༢༠༡༩།༥།༢
བུད་མེད་ཚོགས་པའི་ལྷོ་ཕྱོགས་ཁུལ་གྱི་ཞི་བའི་གོམ་བགྲོད་པ་རྣམས། ༢༠༡༩།༥།༢
RFA

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་པཎ་ཆེན་རིན་པོ་ཆེའི་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་གྲོང་ཁྱེར་བྷེང་ལོར་དུ་མཇུག་སྒྲིལ་གནང་འདུག
དེ་ཡང་ཕྱི་ཟླ་༤་བའི་ཚེས་༢༥་ཉིན་ནས། བོད་ཀྱི་བུད་མེད་ཚོགས་པས་ད་བར་གར་སོང་ཆ་མེད་དུ་སོང་བའི་པཎ་ཆེན་ཡང་སྲིད་རིན་པོ་ཆེ་དགུང་ལོ་༣༠་ལ་ཕེབས་བའི་འཁྲུངས་སྐར་དང་བསྟུན་རྒྱ་གར་ནང་གི་ས་གནས་ཆེ་ཁག་ལྔའི་ནང་ཞི་བའི་གོམ་བགྲོད་བྱས་དང་བྱེད་བཞིན་པའི་ཁྲོད། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་བོད་མི་༢༠༠་མ་ཟིན་ཙམ་གྱིས་རྒྱ་གར་ལྷོ་ཕྱོགས་མའེ་སོར་གྲོང་ཁྱེར་ནས་བྷེང་ལོར་གྲོང་ཁྱེར་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་ཕྱི་ཟླ་ ༥ ཚེས་༢་ཉིན། བྷེང་ལོར་གྲོང་ཁྱེར་གྱི་རང་དབང་སྤྱི་གླིང་ནང་མཇུག་སྒྲིལ་གནང་ཡོད་པ་རེད།
ལས་འགུལ་སྣེ་ཁྲིད་གནང་མཁན་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཕྱོགས་བཞུགས་རྒྱུན་ལས་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། ད་རེས་ལས་འགུལ་འདི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་སོགས་ཀྱི་བཀྲིན་ལ་བརྟེན་ནས་གང་ཅིའི་ཐད་ཚགས་ཚུད་བྱུང་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་བཞུགས་སྒར་རྡ་རམ་སཱ་ལ་ནས་རྒྱ་གར་པན་ཇབ་མངའ་སྡེའི་གྲོང་ཁྱེར་ཅན་དྷི་སྒར་བར་དུ་གོམ་བགྲོད་གནང་མཁན་ཚོ། སྤྱི་ཟླ་༥པའི་ཚེས་༢ཉིན་རྒྱ་གར་པཎ་ཇབ་མངའ་སྡེའི་ནང་འབྱོར་ཡོད་པ་དང་། དབུས་བུད་མེད་ཚོགས་གཞོན་བསྐལ་བཟང་གཡུ་སྒྲོན་ལགས་ཀྱིས། གོམ་བགྲོད་ཉི་མ་བརྒྱད་པ་འདིར་སྤྱི་ལེ་བཅོ་བརྒྱད་ཙམ་རིང་བསྐྱོད་དེ། ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྒྱ་གར་གྱི་གསར་འགོད་པ་སོགས་མཇལ་འཕྲད་གནང་བཞིན་པ་འགྲེལ་བརྗོད་གནང་ཞིང་། ཁོང་ཚོ་འདི་ཚེས་༧་ཉིན་ཅན་དྷིསྒར་དུ་འབྱོར་ཐུབ་པའི་ཚོད་རྩིས་གནང་བཞིན་འདུག
གོམ་བགྲོད་ནང་དགུང་ལོ་དྲུག་ཅུ་ནས་བརྒྱད་ཅུ་ཅན་མང་ཆེ་ཤོས་ཆགས་ཀྱི་ཡོད་ཀྱང་། ཚེ་ཐོག་འདིར་༧པཎ་ཆེན་རིན་པོ་ཆེར་མཇལ་ཁ་ཞིག་ཐོབ་རེ་བཟུང་སྟེ་ཡོང་བ་དགུང་ལོ་༨༣སོན་པའི་བགྲེས་སོང་བསོད་ནམས་ཚེ་རིང་ལགས་ཞུ་བ་ཞིག་ཀྱང་མཉམ་ཞུགས་གནང་འདུག་ལ།  དེའི་ཁྲོས་བྱིས་པ་ལོ་ལྔ་ཅན་ཞིག་ཀྱང་ཡོད་པ་རེད།
རྡེ་ར་ལྡུན་ནས་ལྡི་ལི་བར་གྱི་ལས་འགུལ་ལྡི་ལི་བར་དང་སྒང་ཏོག་ནས་ས་ལུ་སྒ་ར་བར་བཅས་ཀྱི་གོམ་བགྲོད་ཀྱང་མཇུག་བསྒྲིལ་ཟིན་ཞིང་། གོམ་བགྲོད་པ་མི་གྲངས་ ༡༣༠ ཙམ་རྒྱ་གར་གྲོང་ཁྱེར་ནག་པུར་(Nagpur)ནས་ཆ་ཏིསྀ་གྷར་(Chattisgarh)་བར་གྱི་གོམ་བགྲོད་འདི་ཕྱི་ཟླ་ ༥ ཚེས་ ༦ ཉིན་མཇུག་བསྒྲིལ་གནང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག
གོམ་བགྲོད་པ་མང་པོ་ཞིག་གི་རྐང་པར་ཆུ་སྒང་བསགས་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུག་ལ། དེ་བཞིན་ཁྲད་ཤེད་ཡོད་མཁན་གྱི་ནད་པ་ཚོར་གོམ་བགྲོད་རུ་ཁག་མཉམ་ཡོད་པའི་སྨན་པ་ཚོས་དམིགས་བསལ་བལྟ་རྟོག་གནང་བཞིན་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།