གཞིས་ཆགས་སྲ་བརྟན་གྱི་ལས་གཞིའི་ཆེད་ཧིན་སྒོར་ས་ཡ་བཅུའི་མ་རྩ་མཐུན་འགྱུར་གནང་རྒྱུ།

2019-04-02
གློག་འཕྲིན།
མཆན།
Share
པར་བཀོད།
གསར་འགོད་གསལ་བསྒྲགས་སྐབས། ༢༠༡༩།༤།༢
གསར་འགོད་གསལ་བསྒྲགས་སྐབས། ༢༠༡༩།༤།༢
RFA

གཞིས་ཆགས་སྲ་བརྟན་ཆེད་ལས་གཞི་གསར་འཛུགས་བྱེད་ཐུབ་མཁན་ཚོར་ཧིན་སྒོར་ས་ཡ་བཅུའི་མ་རྩ་མཐུན་འགྱུར་གནང་རྒྱུ་ཡིན་འདུག
དེ་ཡང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་ཐུབ་པར་འཚོ་བ་ལ་འབྲེལ་བ་ཡོད་པ་དང་། གཞིས་ཆགས་ཕུགས་རྒྱང་རིང་པོར་གནས་ཐུབ་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་གཞི་གལ་ཆེན་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་རྒྱུན་གནས་དང་། གཞིས་ཆགས་ནང་ལས་གཞི་བཙུགས་ནས་མ་མཐའ་ཡང་བོད་མི་གཞོན་སྐྱེས་ཉུང་མཐར་༢༠ལ་ཕྱག་ལས་ཀྱི་གོ་སྐབས་བསྐྲུན་དགོས་པ་མ་ཟད། གླ་ཡོན་ཡང་ཆེན་པོ་སྤྲོད་དགོས་པའི་གསལ་བསྒྲགས་དང་ཆབས་ཅིག འཆར་གཞི་དེ་ལ་མ་དངུལ་རྒྱ་གར་སྒོར་མོ་བྱེ་བ་གཅིག་ཕུལ་རྒྱུ་ཡིན་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས། སྤྱི་ཟླ་༤པའི་ཚེས་༢ཉི་མ་བཞུགས་སྒར་དུ་གསལ་བསྒྲགས་སྤེལ་ཡོད་ཅིང་། ལས་འཆར་དེ་ནི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་དབྱིན་ལན་བོད་ཁང་གི་ཐེབས་རྩ། ཁེ་ཎ་ཊའི་ནང་གི་བོད་པའི་གསར་གཏོད་བཅས་མཉམ་རུབ་སྒོས་བསྒྲུབས་པ་ཞིག་ཡིན་པས། དྲ་ལམ་བརྒྱུད་དབྱིན་ལན་དོན་གཅོད་ཟུར་པ་ཐུབ་བསྟན་བསམ་འགྲུབ་མཆོག་ནས། གཞིས་ཆགས་ནང་ལས་ཀ་གསར་བསྐྲུན་གྱིས་གླ་ཆ་ཡག་པོ་སྤྲད་ཐུབ་པ་བྱུང་བ་ཡིན་ན། གཞིས་ཆགས་ནང་གི་ལོ་གཞོན་ཚོས་བསམ་བློ་བཏང་རྒྱུའི་བདམས་ཀ་ཡོད་པ་མ་གཏོགས། ད་ལྟ་གཞིས་ཆགས་སུ་བསྡད་ནས་སོ་སོའི་ཕྲུ་གུ་དང་ཕ་མ་གཉོར་སྐྱོང་གནང་འདོད་ཡོད་ནའང་ལས་ཀ་དང་གླ་ཆ་ཡག་པོ་མེད་པས་ཐབས་ཟད་དུ་གྱུར་ཡོད་པས་ལས་གཞི་དེ་ནི་བོད་མི་ལོ་གཞོན་ཚོ་གཞིས་ཆགས་སུ་གནས་ཆེད་ཡིན་པ་ངོ་སྤྲོད་གནང་གི་འདུག
ལས་གཞི་འདི་ལ་སྙན་ཞུ་འབུལ་རྒྱུའི་དུས་ཚེས་མཐའ་མ་ནི། སྤྱི་ཟླ་༨པའི་ཚེས་༡ཉིན་ཡིན་པ་དང་། སྤྱི་ཟླ་༩པའི་ཚེས་༢༠ཉིན་ལས་འཆར་སྙན་ཞུ་ཕུལ་བ་ཁག་ལ་ཟུར་དཔང་གིས་དཔྱད་ཞིབ་གནང་སྟེ། མཐའ་མའི་སྙན་ཞུ་༡༠བདམས་པ་བརྒྱུད། སྤྱི་ཟླ་༡༠པའི་ཚེས་༢༥ཉིན་མཐའ་མའི་རྒྱལ་ཁ་ཐོབ་མཁན་ཚོར། རྒྱ་གར་སྒོར་མོ་ས་ཡ་བཅུ་ཐམ་པའི་མ་རྩ་མཐུན་འགྱུར་གནང་རྒྱུ་ཡིན་ཅིང་། སྙན་ཞུ་འབུལ་ཕྱོགས་ནི་(tibetinnovations.org)བརྒྱུད་ཤེས་ཐུབ་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།