ཧོང་ཀོང་ནང་མི་དམངས་ས་ཡ་གཅིག་དང་ཕྱེད་ཀ་ལྷག་འདུ་འཛོམས་ཀྱིས་ལས་འགུལ་སྤེལ།

2019-08-19
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་མི་དམངས་ས་ཡ་གཅིག་དང་ཕྱེད་ཀ་ལྷག་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་སྐབས། ༢༠༡༩།༨།༡༨
ཧོང་ཀོང་ནང་མི་དམངས་ས་ཡ་གཅིག་དང་ཕྱེད་ཀ་ལྷག་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་སྐབས། ༢༠༡༩།༨།༡༨
AP

རྒྱ་ནག་གཞུང་གིས་ཉེན་བརྡ་ཇི་ཙམ་གཏོང་མིན་ལ་མ་བལྟོས་བར་ཧོང་ཀོང་ནང་སླར་ཡང་མི་མང་འབུམ་ཕྲག་མང་པོས་དམངས་གཙོའི་རང་དབང་རྩོད་ལེན་ཆེད་ཞི་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག
འདས་པའི་བདུན་ཕྲག་བཅུ་གཅིག་ལྷག་གི་རིང་ཧོང་ཀོང་ནང་མང་ཚོགས་ཁྲི་ཚོ་མང་པོས་དང་ཐོག་ཧོང་ཀོང་ས་གནས་སྲིད་གཞུང་གིས་དོགས་ཡོད་ཉེས་ཅན་མི་སྣ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དགོས་པའི་སྐོར་དང་། རིམ་བཞིན་དམངས་གཙོའི་ཐོབ་ཐང་ཆེ་ཙམ་དགོས་པའི་དགོས་འདུན་འོག་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་ཉེན་རྟོག་པ་དང་ངོ་རྒོལ་བའི་དབར་འཐབ་རྒོལ་གྱི་གནས་ཚུལ་ཡང་རིམ་པ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀྱང་ཉེན་བརྡ་བཏང་དང་གཏོང་བཞིན་པ་རེད། ཡིན་ན་ཡང་འདི་ཚེས་༡༨་རེས་གཟའ་ཉིན་མའི་ཉིན་སླར་ཡང་མི་མང་འབུམ་ཕྲག་མང་པོས་དམངས་གཙོའི་རང་དབང་རྩོད་ལེན་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་ཞི་བའི་ལས་འགུལ་གྱི་ངོ་བོ་ཁོ་ན་ལས་འཁྲུག་འཛིང་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མི་འདུག
ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་ཞུ་མཁན་(Civil Human Rights Front) ་འམ་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་མདུན་སྐྱོད་ཚོགས་པ་ཞེས་པས་བརྗོད་ན། གཟའ་ཉི་མའི་ལས་འགུལ་དེའི་ནང་ཁྱོན་མི་གྲངས་ས་ཡ་གཅིག་དང་འབུམ་བདུན་མཉམ་བཞུགས་བྱུང་ཡོད་ལུགས་དང་། ཡང་ཉེན་རྟོག་པས་གཞུང་འབྲེལ་གྱི་བཀའ་ཁྲོལ་ཐོབ་པའི་འདུ་འཛོམས་ཀྱི་ལས་འགུལ་ཁོ་ན་གཞིར་བཞག་ཐོག་མི་གྲངས་128,000ལས་མེད་ཚུལ་བརྗོད་འདུག
གནས་ཚུལ་ནང་གསལ་བར་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་མདུན་སྐྱོད་ཚོགས་པས། ཧོང་ཀོང་གྲོང་ཁྱེར་དཀྱིལ་གྱི་ཁྲོམ་གཞུང་ཐོག་ཞི་བའི་གོམ་མགྲོད་བྱ་རྩིས་བྱས་ཀྱང་གཞུང་འབྲེལ་གྱི་ཆོག་མཆན་ཐོབ་མེད་པ་རེད། ཡིན་ནའང་ཉེན་རྟོག་པས་གྲོང་ཁྱེར་གྱི་(Victoria)་སྤྱི་གླིང་ཞེས་པའི་ནང་མི་མང་འདུ་འཛོམས་ཀྱི་བཀའ་ཁྲོལ་སྤྲད་འདུག
རྔམ་སྟོན་ཁྲོམ་སྐོར་ནང་ཞུགས་པའི་གཞོན་སྐྱེས་(Wong)་ཟེར་བ་ཞིག་གིས། ང་ཚོས་ཟླ་བ་གཉིས་ལྷག་རིང་འཐབ་རྩོད་བྱས་ཡོད། ཧོང་ཀོང་ས་གནས་གཞུང་ནས་ང་ཚོའི་དགོས་འདུན་ལ་ཡ་ལན་གང་ཡང་བྱས་མེད་སྟབས་ང་ཚོས་ཡང་ནས་ཡང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད་ཅེས་བྷེ་བྷེ་སེ་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག
ཧོང་ཀོང་ས་གནས་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་ནས། མི་མང་འདུ་འཛོམས་ཀྱི་ལས་འགུལ་རྐྱེན་པས་ཁྲོམ་གཞུང་ཐོག་འགྲིམ་འགྲུལ་ལ་བརྡབ་གསིག་གང་ཙམ་བྱུང་ཀྱང་སྤྱི་ཡོངས་སུ་ཐེངས་འདིའི་ལས་འགུལ་འདི་ཞི་བདེ་ལྷིང་འཇགས་ངང་བྱུང་ཡོད་པ་ངོས་ལེན་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།