གཞན་ལ་གནོད་འཚེ་མེད་པའི་ཀུན་སློང་ཐོག་འགྲན་བསྡུར་བྱེད་ན་སྐྱོན་མེད། ༸གོང་ས་མཆོག་ནས།

2019-07-31
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རི་ནས་ཡིན་པའི་རྒྱ་གར་བའི་སློབ་ཕྲུག་ཁག་ཅིག་གིས་དེང་སློབ་གྲའི་ནང་འགྲན་བསྡུར་ཤུགས་ཆེ་ཡོད་པའི་སྐབས་འདིེར་གདོང་ལེན་བྱེད་ཕྱོགས་ཐད་ལམ་སྟོན་ཞུས་པ།
ཨ་རི་ནས་ཡིན་པའི་རྒྱ་གར་བའི་སློབ་ཕྲུག་ཁག་ཅིག་གིས་དེང་སློབ་གྲའི་ནང་འགྲན་བསྡུར་ཤུགས་ཆེ་ཡོད་པའི་སྐབས་འདིེར་གདོང་ལེན་བྱེད་ཕྱོགས་ཐད་ལམ་སྟོན་ཞུས་པ།
དགའ་ལྡན་ཕོ་བྲང༌།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༧ཚེས་༣༡་ཉིན་བཞུགས་སྒར་ཕོ་བྲང་དུ་ཕྱི་ནས་ཡིན་པས་མང་ཚོགས་ཁག་ཅིག་ལ་མཇལ་ཁ་སྩལ་སྐབས་དེའི་ཁོངས་ནས་ཨ་རི་ནས་ཡིན་པའི་རྒྱ་གར་བའི་སློབ་ཕྲུག་ཁག་ཅིག་གིས་དེང་སློབ་གྲའི་ནང་འགྲན་བསྡུར་ཤུགས་ཆེ་ཡོད་པའི་སྐབས་འདིེར་གདོང་ལེན་བྱེད་ཕྱོགས་ཐད་ལམ་སྟོན་ཞུས་པར། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ལ་གནོད་འཚེ་མེད་པའི་ཀུན་སློང་ཐོག་འགྲན་བསྡུར་བྱེད་ན་སྐྱོན་མེད་པ་དང་། འགྲན་བསྡུར་དེ་ཡག་པོ་རེད།  གཞན་ན་གནོད་འཚེ་མེད་པའི་ཐོག་ནས་སོ་སོ་རང་ཉིད་ཤེས་ཡོན་ཐོག་ཨང་རིམ་རྩེ་ཐོག་ལ་སླེབས་ཐབས་བྱེད་པ་དེ་བཟང་ཕྱོགས་ཡིན་པ་ལས་སྐྱོན་མ་རེད།  རང་ཉིད་རྩེ་ཐོག་སླེབས་ཆེད་གཞན་ལ་གནོད་སེམས་བཅངས་བའི་སྒོ་ནས་འགྲན་བསྡུར་བྱས་ན་དེ་ནོར་བ་རེད།   སློབ་ཕྲུག་གཞན་ལ་དཀའ་ལས་རྒྱབ་ནས་རྩེ་ཐོག་སླེབས་རྒྱུར་ལམ་སྟོན་ཡག་པོ་བྱེད་ཐུབ་པ་ཡིན་ན་ཡག་པོ་རེད་ཅེས་བཀའ་བསྩལ་འདུག    མཇལ་ཁ་གྲུབ་མཚམས་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་མཁན་སློབ་ཕྲུག་ས་རཱ་ཀ་སྤུར་ལ་གོང་ས་མཆོག་གི་བཀའ་སློབ་དང་འབྲེལ་བའི་སྐོར་བཅའ་འདྲི་ཞུས་སྐབས།  ཁོང་གིས་ཨ་རིའི་ནང་འགྲན་བསྡུར་གྱི་རྣམ་པ་ཤུགས་ཆེ་ཡོད་པ་དང་།  ཁོང་ལོ་རྗེས་མར་ཧ་སྦར་གཙུག་ལག་སློབ་གཉེར་ཁང་ནང་འཛུལ་ཞུགས་བྱེད་རྒྱུ་ཡིན་སྟབས་ད་རེས་༧གོང་སྐྱབས་མོན་ཆེན་པོ་མཆོག་གིས་བཟང་ཕྱོགས་ཀྱི་ཐོག་ནས་འགྲན་བསྡུར་བྱེད་སྟངས་དང་།  ཀུན་སློང་ཁྱེར་སྟངས་ཐད་ལ་བཀའ་སློབ་ཕེབས་པ་འདིས་ཕན་ཐོག་ཆེན་པོ་བྱུང་། མཇལ་ཁ་དང་བཀའ་སློབ་ཧ་ལས་ཡག་པོ་བྱུང་སོང་ཞེས་བརྗོད་བྱུང་། ཡང་སློབ་ཕྲུག་ཀ་ལི་ཀ་སྤུར་ལགས་ཀྱིས་ང་རང་ཆུང་དུས་སྨན་དང་འབྲེལ་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་སྐབས་གོང་ས་མཆོག་མཇལ་བ་དང་།   ཁོང་གིས་ནང་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་སྐོར་བཀའ་སློབ་གནང་བ་དེས་ཕན་ཐོག་ཆེན་པོ་བྱུང་།ད་རེས་ཡང་བཀའ་སློབ་ཕེབས་པ་འདིས་ང་རང་ཙམ་མ་ཟད་གཞན་ལའང་ཕན་ཐོག་ཆེན་པོ་ཡོང་གི་རེད་ཅེས་བརྗོད་བྱུང།།

མཆན། (0)
Share
དྲ་གནས་ཆ་ཚང༌།