༧གོང་ས་མཆོག་གིས་ར་ཤེ་ཡའི་དད་ལྡན་པར་གསུང་ཆོས་སྩོལ་གནང་མཛད་རྒྱུ།

2019-04-29
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག 2019/4/26
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག 2019/4/26
OHHDL

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ར་ཤེ་ཡའི་དད་ལྡན་པར་གསུང་ཆོས་སྩལ་གནང་འཆར་ཡོད་པ་ལྟར་ཆོས་ཞུ་བ་ཚོས་དྲ་ལམ་བརྒྱུད་ཐོ་འགོད་གནང་འགོ་ཚུགས་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ལྔ་པའི་ནང་བཞུགས་སྒར་རྡ་རམ་ས་ལར་གསུང་ཆོས་སྩལ་གནང་མཛད་ཀྱི་ཡོད་པ་ལྟར་གསུང་ཆོས་ཞུ་བར་ཕེབས་མཁན་ཚོས་དྲ་རྒྱའི་ཐོག་ནས་ཐོ་འགོད་བྱེད་འགོ་བཙུགས་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་་ཕྱི་ཟླ་ལྔ་པའི་ཚེས་༡༠ནས་༡༢བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་རྒྱུད་བླ་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་རྒྱུ་ཡིན་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་སྤྱིར་བསྒྲགས་ཤིག་སྤེལ་བ་དེའི་ནང་། ཕྱི་ཟླ་ལྔ་པའི་ཚེས་༡༠ནས་༡༢ཉིན་གྲངས་གསུམ་རིང་སྩལ་རྒྱུའི་གསུང་ཆོས་ཞུ་བར་ཕེབས་པའི་སྐབས། བདེ་འཇགས་ཀྱི་ཆེད་དད་ལྡན་པ་ཚོས་གྲི་དང་གློག་ཆས་རིགས། པར་ཆས། ལག་འཁྱེར་ཁ་པར་སོགས་གསུང་ཆོས་ཞུ་སར་འཁྱེར་མི་ཆོག་པ་དང་།  གསུང་ཆོས་རིང་ཚུལ་མཐུན་གྱི་གྱོན་ཆས་བཞེས་དགོས་པ་སོགས་བཀོད་འདུག  འོན་ཀྱང་གསུང་ཆོས་རིང་འབྲི་དེབ་རིགས་དང་གསོལ་ཇ་མཆོད་སའི་ཞལ་དཀར་རིགས་མཉམ་ཁུར་ཆོག་གི་ཡོད་འདུག
དེ་མིན་བླ་མ་དང་སློབ་མའི་དབར་དམ་ཚིག་མི་ཉམས་པའི་ཆེད་དོལ་རྒྱལ་བསྟེན་མཁན་ཡིན་ཚེ་གསུང་ཆོས་ཞུ་བར་མི་ཕེབས་རྒྱུའི་ལམ་སྟོན་གནང་འདུག
གསུང་ཆོས་ཞུ་མཁན་ཚོས་(www.dalailamateaching.com)དྲ་ཚིག་བརྒྱུད་ཐོ་འགོད་བྱེད་ཆོག་གི་ཡོད་འདུག་ཅིང་། ཐོ་འགོད་ཆེད་རྒྱ་གར་གྱི་སྒོར་མོ་བཅུ་ཕུལ་དགོས་ཀྱི་ཡོད་འདུག
ཡང་མཛད་འཆར་ལྟར་ན་ཕྱི་ཟླ་དྲུག་པའི་ཚེས་༣ནས་༤ བོད་ཟླ་གསུམ་པའི་གནམ་གང་དང་བཞི་པ་ས་ག་ཟླ་བའི་ཚེས་ ༡ ཉིན་གཉིས་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ་དང་། ཕྱི་ཚེས་ ༥ ས་ག་ཟླ་བའི་ཚེས་ ༢ ཉིན་རྫོང་དཀར་ཆོས་སྡེ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་རྒྱུ་ཡིན་འདུག་ཅིང་། དེ་རྗེས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལོ་རེའི་མ་ཎི་དུས་སྒྲུབ་བསྐོང་ཚོགས་གནང་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།