༧གོང་ས་མཆོག་སྐུ་ཁམས་གསལ་དྭངས་ངང་ཕྱིར་བཞུཊ་སྒར་དུ་ཞབས་སོར་འཁོད་འདུག

2019-04-26
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་ལྡི་ལི་ནས་ཆིབས་ཐོན་མ་གནང་གོང་། ༢༠༡༩།༤།༢༦
༧གོང་ས་མཆོག་ལྡི་ལི་ནས་ཆིབས་ཐོན་མ་གནང་གོང་། ༢༠༡༩།༤།༢༦
OHHDL

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་དྭངས་ངང་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༤ ཚེས་ ༩ ནས་༧སྐུའི་སྨན་བཅོས་འཕྲོད་བཞེས་ལེགས་གྲུབ་ཀྱིས་སྐུ་ཁམས་གསལ་དྭངས་ངང་ཕྱི་ཚེས་༢༦ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
ལྡི་ལི་ནས་ཕེབས་ཐོན་མ་གནང་གོང་ལྡི་ལི་བོད་ཕྲུག་སློབ་མའི་སྡོད་ཁང་དུ་ལྡི་ལིའི་ཁུལ་ཡོད་པའི་བོད་ཕྲུག་སློབ་མ་ཚོར་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༩ ནས་ཉིན་ཤས་རིང་ལྡི་ལིའི་སྨན་ཁང་ཞིག་གི་ནང་མགུལ་གློ་དང་༧སྐུ་མཁལ་མར་སྙུན་གཞི་ཕྲན་བུ་བྱུང་བར་སྨན་བཅོས་འཕྲོད་བཞེས་མཛད་རྗེས་ད་ཆ་སྨན་པ་ཚོས་སྙུན་གཞི་སངས་དྲག་ཏུ་ཕེབས་ཡོད་པ་འགྲེལ་བརྗོད་ཞུས་པ་ལུང་འདྲེན་གནང་པ་དང་།  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་སློབ་ཕྲུག་ཚོར་བོད་ཡིག་ནི་གནའ་བོའི་རིག་གཞུང་གི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་འགྲེལ་བཤད་ཡག་ཤོས་བརྒྱབ་ཐུབ་པའི་སྐད་ཡིག་ཞིག་ཡིན་པ་འགྲེལ་བརྗོད་གནང་ཞིང་། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བྱེད་དགོས་པའི་བཀའ་སློབ་ཕེབས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ཀྱིས་གནའ་བོའི་རིག་གཞུང་བོད་ཀྱི་སྐད་ཡིག་ནང་བདག་ཉར་ཐུབ་པ་འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པ་བྱེད་འོས་པ་ཞིག་ཡིན་པ་གསུངས་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཚན་རིག་པ་མང་པོས་ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ། དེ་བཞིན་ནང་པའི་ལྟ་གྲུབ་རིག་པ་སོགས་ལ་དོ་སྣང་དང་དགའ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་པ་ལྟར་བོད་མི་གཞོན་སྐྱེས་ཚོས་གཞི་ཡུལ་འདི་དག་གི་ཐད་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྣམ་ཀུན་གྱི་མཛད་འཆར་ཁག་རིང་མིན་དབུ་འཛུགས་ཞུ་རྒྱུ་ཡིན་འདུག་ལ། སྔོན་འཆར་ལྟར་ཕྱི་ཟླ་༥པའི་སྤྱི་ཚེས་༡༠་ནས་༡༢བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་ར་ཤཱི་ཡའི་དད་ལྡན་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྒྱུད་བླ་མའི་སྒོ་ནས་ཆོས་འབྲེལ་སྩོལ་གནང་མཛད་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།