རྒྱ་ནག་གཞུང་གིས་ཧོང་ཀོང་གི་ལས་འགུལ་དེར་འཇིགས་སྐུལ་རིང་ལུགས་སོགས་ལ་ངོས་འཛིན་བྱེད་པ།

2019-08-23
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་ངོ་རྒོལ་མུ་མཐུད་ནས་བྱེད་བཞིན་པ།
ཧོང་ཀོང་ནང་ངོ་རྒོལ་མུ་མཐུད་ནས་བྱེད་བཞིན་པ།
ཨེ་ཨེཕ་པི།

༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་བརྗོད་གཞི་ནི། ཧོང་ཀོང་གི་གནས་སྟངས་མུ་ནས་མུ་རུ་ཛ་ཇེ་དྲག་དང་འགྱུར་ལྡོག་ཐེབས་བཞིན་པའི་སྒང་ལ། ཉེས་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་སྲོལ་ལ་ངོ་རྒོལ་གྱི་ལས་འགུལ་དེའི་མཇུག་ཇི་ལྟར་སྐྱོང་རྒྱུ་ནི་གོ་ལ་ཧྲིལ་བོའི་དོ་སྣང་བྱེད་ས་གཙོ་བོ་དེ་ཆགས་ཡོད། ད་ལྟ་རྒྱ་ནག་གཞུང་གིས་དབང་ཤེད་དངོས་སུ་བཀོལ་མེད་ན་ཡང་། ལས་འགུལ་དེ་ལ། ཟིང་འཁྲུག་དང་འཇིགས་སྐུལ་རིང་ལུགས། ཁ་དོག་གསར་བརྗེ་སོགས་ངོ་བོ་ངོས་འཛིན་བྱས་ཡོད་པ་དང་། ཧོང་ཀོང་གི་ལས་འགུལ་ལས་བློ་བསྐྱེད་ཅི་ཞིག་ཡོད་པ། བོད་མིས་ཧོང་ཀོང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་གལ་ཆེའི་རང་བཞིན་སོགས་ཀྱི་ཐད། ད་ལྟ་ཨོ་སི་ཊི་རེ་ལེ་ཡར་ཡོད་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་དང་སྙན་ངག་པ། ཆབ་སྲིད་དཔྱད་བརྗོད་ལྷ་སྡེ་གནམ་ལོ་ཡག་དང་ལྷན་དུ་བགྲོ་གླེང་བྱེད་རྒྱུ་ཡིན།།

མཆན། (0)
Share
དྲ་གནས་ཆ་ཚང༌།