ཉིན་གྲངས་བཞིའི་གསུང་ཆོས་ལེགས་གྲུབ་མཛད་པ།

2016-09-01
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བར་གསུང་ཆོས་བཀའ་དྲིན་སྩལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བར་གསུང་ཆོས་བཀའ་དྲིན་སྩལ་བ།
དགའ་ལྡན་ཕོ་བྲང༌།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ཉིན་གྲངས་བཞིའི་རིང་ཨེ་ཤེ་ཡའི་ཡུལ་གྲུ་མང་དག་ཞིག་གི་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་འཕྲེང་བའི་སྒོ་ནས་སྩལ་བའི་ཆོས་འབྲེལ་དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ཉིན་ལེགས་གྲུབ་མཛད་ཡོད་པ་རེད། ཉིན་བཞིའི་གསུང་ཆོས་དེའི་རིང་ཨེ་ཤི་ཡའི་ཡུལ་གྲུ་འདྲ་མིན་ནས་བཅར་བ་དང་བོད་མི། དེ་བཞིན་ཕྱི་རྒྱལ་གྱི་ཡུལ་གྲུ་འདྲ་མིན་བཅས་ནས་ཁྱོན་བསྡོམས་མི་གྲངས་བརྒྱད་སྟོང་ཙམ་ཆེད་བཅར་ཞུས་འདུག དེ་རིང་གསུང་ཆོས་ཉིན་མཐའ་མའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྨོན་སེམས་ཆོ་གས་བཟུང་བའི་ཐོག་ནས་བྱང་སེམས་འབོག་ཆོག་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་མཛད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་བྱེད་པའི་དགོས་པ་གཙོ་བོ་ནི་མི་བཟང་པོ་ཞིག་ཡོང་ཐབས་དང་སེམས་པ་བཟང་པོ་བྱེད་པའི་ཐོག་ནས་མི་ཚེ་སྐྱེལ་དགོས་པ་བཀའ་གནང་ཡོད་པ་རེད། ད་དུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་མ་སྩལ་སྔོན་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་པར་ངེས་པར་མདོ་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བ་བཅས་པར་མ་མཐར་གོ་བ་མི་སྨན་ཙམ་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད། གནས་ཚུལ་རྒྱས་པ་རྡ་རམ་ས་ལ་ནས་སངས་རྒྱས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་དེ་གསན་རོགས་གནང་།།
གསར་འགོད་པ་ངག་དབང་ཆོས་འཕེལ་དང་སངས་རྒྱས་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།