ཐེངས་འདིའི་ཆིབས་བསྒྱུར་འདི་དོན་སྙིང་ལྡན་པ་ཞིག་བྱུང་།

2016-11-23
གློག་འཕྲིན།
མཆན།
Share
པར་བཀོད།
ལོ་རྗེས་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་སྐྱོང་སྐབས་དེར་སྲིད་འཛིན་གསར་པ་དང་མཇལ་འདོད་ཆེན་པོ་ཡོད་པ།
ལོ་རྗེས་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་སྐྱོང་སྐབས་དེར་སྲིད་འཛིན་གསར་པ་དང་མཇལ་འདོད་ཆེན་པོ་ཡོད་པ།
RFA/Kalden Lodoe

དེ་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ནས་ཉེ་ཧོང་དུ་ཆིབས་ཞལ་མ་བསྒྱུར་གོང་གསར་འགོད་པ་དང་མཇལ་འཕྲད་གནང་སྐབས་ཐེངས་འདིའི་ཆིབས་བསྒྱུར་འདི་དོན་སྙིང་ལྡན་པ་ཞིག་བྱུང་ཞེས་བཀའ་གནང་པ་དང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲམཔ་དང་མཇལ་འཕྲད་གནང་འདོད་ཡོད་པ་

བཀའ་གནང་ཡོད་པ་རེད།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་དགའ་ལྡན་དགོན་པས་མགྲོན་འབོད་གོ་སྒྲིག་ཞུས་ཐོག་སྲིད་འཛིན་གྱི་ངོས་ནས་དམིགས་བསལ་ཐུགས་འཁུར་གནང་སྟེ་ད་རེས་ཆིབས་བསྒྱུར་བསྐྱངས་གནང་ཐུབ་པ་དེས་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་འཕྲན་བུ་ཞིག་གྲུབ་ཐུབ་ཡོད་པར་ཡིས་ཆེས་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད།

གསར་འགོད་པ་ཞིག་གིས་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐོར་བཀའ་འདྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ནི་འཛམ་གླིང་ནང་གི་མང་གཙོ་དང་རང་དབང་གི་འགོ་ཁྲིད་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པས།  འོས་བསྡུའི་གནས་ཚུལ་རྙོག་རྫིང་ཇི་ཙམ་བྱུང་མིན་ལ་མ་བལྟོས་པར་ཨ་རིའི་མི་དམངས་ཀྱིས་འོས་ཤོག་འཕེན་ཟིན་པ་རེད། སྐབས་རེ་ འོས་བསྡུའི་སྐབས་འོས་མི་ཚོར་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་རང་དབང་ཆེན་པོ་ཡོད་ཀྱང་། འོས་བསྡུ་ཟིན་པའི་རྗེས་ལས་འགན་ཞིག་འཁུར་དུ་བབས་ཞིང་། དེ་ནས་འོས་ཐོབ་པ་དེས་དངོས་ཡོད་གནས་སྟངས་ལ་དཔགས་སྟེ་རང་ཉིད་ཀྱི་ཆར་སྣང་དང་ལས་དོན་གྲུབ་དགོས་པ་ཆགས་ཀྱི་ཡོད་སྟབས། ང་ལ་སེམས་འཚབ་གང་ཡང་མེད་ཅེས་དང་། ལོ་རྗེས་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་སྐྱོང་གནང་གི་མཛད་འཆར་ཡོད་སྟབས། སྐབས་དེར་སྲིད་འཛིན་གསར་པ་དང་མཇལ་འདོད་ཆེན་པོ་ཡོད་ཅེས་བཀའ་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།